¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་དྲུག་པའི་ཉིན་གཉིས་པའི་མཛད་རིམ།


༡༽ ཉིན་གཉིས་པའི་སྨོན་ལམ་གྱི་ཞོགས་པའི་མཛད་རིམ།

ཕྱི་ལོ་ ༢༠༠༩ ཕྱི་ཟླ་དང་པོའི་ཚེས་ལྔ་སྟེ་འགྲོ་མགོན་བཀའ་བརྒྱུད་པའི་སྨོན་ལམ་གྱི་ཉིན་གཉིས་པར་རྒྱུན་སྲོལ་བཞིན་ཞོགས་པ་

གསོ་སྦྱོང་གི་བསླབ་སྡོམ་དེ་བཞིན་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བསྩལ་བར་

མཛད། དེ་རྗེས་སྨོན་ལམ་ཉི་ཤུ་པའི་ཆོས་སྤྱོད་ཞལ་འདོན་དབུ་འཛུགས་བསྐྱངས། ཞོགས་པ་འཁོར་ལོའི་ཆུ་ཚོད་དགུ་པའི་ཐོག་

༧སྐྱབས་མཆོག་ཡིད་བཞིན་ནོར་བུ་མཆོག་གང་གི་བཞུགས་གནས་གཏེར་སྒར་དགོན་ནས་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་

ཞབས་སོར་བསྐྱངས་ཏེ་རྒྱུན་ལྟར་བཞིན་གངས་ཅན་གྲུབ་པའི་གཙུག་རྒྱན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པ་རྡོ་

རྗེའི་རྣམ་མགུར་གྱི་ཁྲིད་ལུང་འཕྲོ་སྐྱོང་མཛད།

¡@

༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་གསོ་སྦྱོང་གི་སྡོམ་པ་སྩོལ་བཞིན་པ།

 དགེ་སློང་ཕོ་མོ་ཡོངས་ནས་ལེགས་སྦྱར་སྐད་ཐོག་ཡུམ་ཆེན་མོ་ཤེ་རབ་སྙིང་པོ་གསུང་བཞིན་པ།

¡@

༢༽ དགེ་སློང་རྣམས་ཀྱི་ཕྱིར་འགྲུལ་སྐྱེལ་རླངས་འཁོར་ཆེ་བའི་གོ་སྒྲིག།

གུང་ཚིགས་སྐབས་བསྙེན་རྫོགས་དགེ་སློང་རྣམས་མཆོད་རྟེན་ནས་གུང་གི་གདུགས་ཚོད་གསོལ་སའི་བར་དམིགས་བསལ་རླངས་

འཁོར་ཆེ་ཁག་བཞི་ཙམ་སྨོན་ལམ་ཚོགས་པ་ནས་གོ་སྒྲིག་མཛད་ཡོད་པ་ལྟར་དགེ་སློང་རྣམས་སྔ་ཕྱི་གོ་རིམ་བཞིན་ཕེབས་ཏེ་གུང་

ཚིགས་གཏེར་སྒར་དགོན་གྱི་འདུ་ཁང་ཆེན་མོའི་ནང་དགེ་སློང་ཡོངས་རྫོགས་ལྷན་བཞེས་མཛད།

¡@

དགེ་སློང་རྣམས་གུང་ཚིགས་ཆེད་འགྲུལ་སྐྱེལ་རླངས་འཁོར་ཆེ་བའི་ནང་ཕེབས་བཞིན་པ།

¡@

༣༽ དགེ་ཚུལ་རྣམས་ལ་དམིགས་བསལ་ལམ་སྟོན།

དགེ་སློང་ལས་ལོགས་སུ་གྱུར་པའི་དགེ་ཚུལ་གཞན་རྣམས་འདི་ལོ་སྨོན་ལམ་ཚོགས་པར་རྒྱལ་དབང་ཡིད་ནོར་མཆོག་ནས་ཆེད་

གཉེར་གྱིས་འཁོར་གསུམ་རླངས་འཁོར་ཆུང་བ་དང་། རྐང་འཁོར་འཁོར་ལོ་གསུམ་ཅན་ནང་བརྡབ་སྐྱོན་སོགས་ཀྱི་ཉེན་ཁ་ལས་

སྐྱོབ་ཕྱིར་འགྲུལ་བཞུད་འགོག་སྡོམ་མཛད་པ་བཞིན་དགེ་འདུན་པ་བྱིངས་ནས་ཕྱག་ལེན་བསྟར་བཞིན་པ་ཡིན།

¡@

སྨོན་ལམ་དུ་ཕེབས་པའི་དགེ་ཚུལ་ཕོ་མོ་རྣམས་ཞབས་ཐང་དུ་ཕེབས་བཞིན་པ།

¡@

༤༽ སྨོན་ལམ་དུ་ཕེབས་པའི་སེར་སྐྱ་སྤྱི་ཡོངས་ཀྱི་གསོལ་ཚིགས་བཞེས་ཡུལ།

སྤྱིར་སྔ་ལོ་བཞིན་ལོ་འདིར་ཡང་དགེ་འདུན་གསོལ་ཚིགས་གསོལ་ཡུལ་གྱི་བསྟི་གནས་ཁག་ལྔ་ཙམ་ལ་གོ་སྒྲིག་ཞུས་ཡོད། སྔ་

དགོང་གསོལ་ཚིགས་གནང་སའི་བསྟི་གནས་ཆེ་ཤོས་ནི། སྔ་འགྱུར་རྙིང་མའི་མགྲོན་ཁང་ཆེན་མོ་དང་། རྣམ་རྒྱལ་གྲྭ་ཚང་གི་

མགྲོན་ཁང་ནང་སྨོན་ལམ་གྱི་ཚོགས་མི་རྣམས་ཀྱི་ཕྱིར་གསོལ་ཚིགས་གོ་སྒྲིག་གནང་ཡུལ་ཁག་ཅིགསྨོན་ལམ་ལས་བྱེད་རྣམས་

ཟུར་དུ་གསོལ་ཚིགས་གསོལ་གནས་ཁག་ཅིག་སྟེ་གཉིས་ཡོད། དེ་བཞིན་གཏེར་སྒར་དགོན་དུ་སྨོན་ལམ་ཚོགས་པའི་གནས་ཡོད་

ལས་བྱེད་རྣམས་གསོལ་ཚིགས་གསོལ་ཡུལ་ཁག་ཅིག་དང་། དགེ་སློང་རྣམས་ཀྱི་ཕྱིར་དུ་དམིགས་བསལ་ཟུར་འཛུགས་བསྐྱངས་

པ་གཅིག་སྟེ་ཡོངས་བསྡོམས་གསོལ་ཚིགས་བཞེས་ཡུལ་ཁག་ལྔ་ཙམ་གོ་སྒྲིག་ཞུས་ཡོད།

¡@

ཟ་མ་ཚན་པའི་འགན་འཛིན་རྡོ་རྗེ་དབང་རྒྱལ་ལགས་དང་འགན་འཛིན་གཞོན་པ་ཤེས་རབ་ལགས།

མ་བྱན་རྣམ་པས་ཉིན་གུང་གི་གསོལ་ཚིགས་གྲ་སྒྲིག་གནང་བཞིན་པ།

སྔ་འགྱུར་རྙིང་མའི་མགྲོན་ཁང་དུ་ཉིན་གུང་གི་གསོལ་ཚིགས་གསོལ་བཞིན་པ།

དགེ་ཚུལ་རྣམས་གུང་ཚིགས་ཆེད་བང་སྒྲིག་བཞིན་པ།

¡@

༥༽ བཀའ་བརྒྱུད་སྨོན་ལམ་གྱི་ཕྱིར་ཞལ་འདེབས་འབུལ་ཡུལ།

བཀའ་བརྒྱུད་སྨོན་ལམ་གྱི་ཕྱིར་དུ་ཞལ་འདེབས་འབུལ་ཡུལ་ནི་མཆོད་རྟེན་གྱི་ཉེ་འདབས་སུ་ཡོད་པའི་བྷིར་ལ་མགྲོན་ཁང་ཆེན་

པོའི་ཟུར་དུ་གསར་འཛུགས་ཞུས་ཡོད་པས། ཕྱི་ནང་གི་དད་ལྡན་གཏོང་ཕོད་ཅན་རྣམས་ཀྱིས་ཚོགས་གསོག་སྒྲིབ་སྦྱོང་ཕྱིར་རང་

རང་སོ་སོའི་བློས་བཅད་ཀྱི་རྒྱ་མཚོ་ཆུ་ཐིགས་ཀྱི་འབྲེལ་མཚོན་ཕྱིར་ཞལ་འདེབས་གང་དགེ་གནང་སྐྱོང་ཡོང་བའི་རེ་འདུན་ཞུ་

བཞིན་ཡོད། གཞན་ཡང་མང་དོད་ཕྱིར་གསོལ་ཇ་བག་ཆུང་དང་ཆབ་ཞོ་གསོལ་མར་སོགས་ཀྱི་ཞལ་འདེབས་འབུལ་འདུན་མཆིས་

ཚེ་ཞལ་འདེབས་འབུལ་ཡུལ་དེ་ཉིད་ཀྱི་གམ་དུ་གསོལ་ཇའི་གསོལ་ཐབ་ལོགས་སུ་བཙུགས་ཡོད་པས་དེར་འབྲེལ་གཏུགས་གནང་

སྐྱོང་ཡོད་པ་ཞུ། །

¡@

དད་ལྡན་པ་འགས་བཀའ་བརྒྱུད་སྨོན་ལམ་ཕྱིར་ཞལ་འདེབས་འབུལ་བཞིན་པ།

རི་འགུལ་སྤྲུལ་སྐུ་མཆོག་ནས་དབྱིན་སྐད་ཀྱི་གསུང་བསྒྱུར་གནང་བཞིན་པ།

ཆོ་གཡོག་གིས་དབུ་ཞྭ་འགྲེམས་བཞིན་པ།

མཚན་མོ་གློག་འོད་དུ་འཚེར་བའི་རྡོར་གདན་མཆོད་རྟེན་ཆེན་མོ།

¡@

¡@

¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.