¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

2009 ཟླ་ 1 ཚེས་ 13 ཉིན་གཉིས་པའི་གསུང་ཆོས་ཀྱི་སྙིང་དོན།

¡@

ཕྱི་ལོ་ ༢༠༠༩ ཕྱི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གཙོ་བོ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བཀའ་སློབ་བསྩལ། དེ་ཡང་

ཁ་འབབ་རྣམ་བཞི་གཙོ་བོར་གྱུར་པའི་བོད་ནས་མར་རྒྱུགས་པའི་ཆུ་རྒྱུན་ཁག་ལ་འབགས་བཙོག་མི་ཤོར་བར་བྱ་རྒྱུ་དང་

ཁྱད་པར་དུ་འཐུང་ཆུ་གཙང་མ་དགོས་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན།

དེ་བཞིན་གཡུང་དྭགས་སམ་རི་དྭགས་ཁྱི་ར་བ་རྣམས་ལས་སྲུང་སྐྱོབ་བྱ་རྒྱུ་དང་གཞན་ཡང་ལོ་ངོ་གསུམ་ཙམ་གོང་བོད་དུ་

སྟག་གཟིག་གི་པགས་པ་ལས་གྲུབ་པའི་གོས་རྣམས་གྱོན་སྲོལ་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་

ཆེན་པོ་མཆོག་ནས་ཨ་མར་ཝ་ཏིར་དུས་འཁོར་དབང་ཆེན་བསྩལ་སྐབས་བཀག་འགོག་ཤུགས་ཆེ་གནང་བར་བརྟེན་ད་ཆ་

གྱོན་མཁན་ཧ་ལམ་མེད། དེ་བཞིན་ཤ་ཟས་སྤོང་རྒྱུ་དེ་ཡང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཡོད། ཁོར་ཡུག་ལ་གནོད་པའི་

གད་སྙིགས་ཀྱི་རིགས་ལ་སྟངས་འཛིན་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེ་སྔ་རང་རེའི་དགོན་སྡེ་ཁག་ལ་གད་སྙིགས་སྟངས་འཛིན་བྱ་

རྒྱུའི་ཉམས་མྱོང་དེ་ཙམ་མེད། འོན་ཀྱང་ཐོག་མར་དགོན་སྡེ་ཁག་ནས་ལག་ལེན་བྱས་ཏེ་རིམ་པས་དམངས་ཁྲོད་མིག་དཔེ་

མཚོན་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེ། གནམ་གཤིས་ཀྱི་འགྱུར་ལྡོག་དེ་འཛམ་གླིང་གླིང་ཆེན་ཀུན་ལ་འགྱུར་ལྡོག་ཆེན་པོ་བྱུང་

ཡོད། གནམ་གཤིས་ཚ་དྲོད་ཀྱང་ཧི་མ་ལ་ཡའི་རི་རྒྱུད་ལ་ལྡབ་ལྔ་ཙམ་འཕར་ཡོད་པའི་གནས་ཚུལ་གོ་སོང་། དེས་སའི་གོ་ལ་

སྤྱི་ལ་ཡང་གནོད་འཚེ་ཆེན་པོཡོད་སྟབས་ལོ་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་གནམ་གཤིས་ཚ་དྲོད་

ཀྱི་འཕེལ་ཤུགས་འགོག་ཕྱིར་ཐབས་ལམ་གསར་འཚོལ་གྱི་གྲོས་བསྡུར་གནང་གི་ཡོད་པ་བཞིན་རང་ཅག་རྣམས་ནས་ཀྱང་

དེ་དག་ལ་སྨན་ཕྱིར་སྲི་ཞུ་ཅི་ནུས་བསྒྲུབ་རྒྱུ་ཤིན་ཏུ་གལ་ཆེ་ཞེས་བཀའ་སྩལ། 

དེ་མཇུག་སློབ་མ་རྣམས་ཀྱི་དྲི་བ་སོ་སོར་བཀའ་ལན་བསྩལ།

¡@

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.