|
2009 ཟླ་ 1 ཚེས་ 14
ཉིན་གསུམ་པའི་གསུང་ཆོས་ཀྱི་སྙིང་དོན།
¡@
ཀརྨ་པ་མཁྱེན་ནོ་ཞེས་པའི་གོ་དོན་ནི། སྤྱིར་ཀརྨ་ཞེས་པ་ལས་སམ་འཕྲིན་ལས་དང་། ཀརྨ་པ་ཞེས་བདག་སྒྲའི་ཚིག་ཕྲད་སྦྱར་
བས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་རང་གཟུགས་ཡིན་པ་དང་འཕྲིན་ལས་ཀྱི་བྱེད་པོ་ཡིན་པའི་ཕྱིར་ན་
ཀརྨ་པ་ཞེས་མཚན་ཐོགས་ཤིང་། དེ་ཡང་ཀརྨ་པ་དུས་གསུམ་མཁྱེན་པ་དགུང་གྲངས་བཅུ་དྲུག་སྐབས་ཉམས་སྣང་ལ་མཁའ་
འགྲོ་མ་འབུམ་གྱི་དབུ་སྐྲ་ལས་གྲུབ་པའི་ཅོད་པན་ཕུལ་བར་མཛད་ཅིང་རྒྱལ་བ་ཀུན་གྱི་འཕྲིན་ལས་ཀྱི་བྱེད་པོར་མངའ་
གསོལ། སྤྱིར་རྒྱལ་བའི་འཕྲིན་ལས་མཛད་པ་པོ་གཅིག་ཙམ་མ་ཡིན་པར་རྡོ་རྗེ་སློབ་དཔོན་ཐམས་ཅད་སངས་རྒྱས་ཀྱི་འཕྲིན་
ལས་མཛད་པོ་འབའ་ཞིག་ཡིན། མཁྱེན་ནོ་ཞེས་པ་བདག་ལ་དགོངས་ཤིག་ཅེས་སམ་ཐུགས་རྗེ་གཟིགས་ཤིག་ཅེས་པའི་དོན་
ཡིན་ཞེས་དང་། འཆི་ཁར་དགེ་བའི་སེམས་བསྐྱེད་ཀྱི་རྩིས་ཟིན་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་ལོ་རྒྱུས་དང་སྦྲགས་ཏེ་
གསུངས།

¡@
¡@
དེ་མཇུག་རྒྱལ་དབང་ཉིད་ཀྱིས་མཛད་པའི་སྔོན་འགྲོའི་ལྗགས་ལུང་བསྩལ། ལྗགས་ལུང་གྲུབ་རྗེས་སྐྱབས་འགྲོའི་སྐོར་དང་
ཕྱི་རྒྱལ་ཆོས་ཞུ་བ་ཡོངས་ལ་སྐྱབས་འགྲོའི་སྡོམ་པ་བསྩལ། ཆོས་ཞུ་བ་རྣམས་ལ་ཉིན་སྔོན་བཀའ་བརྒྱུད་སྨོན་ལམ་སྐབས་
བཤམས་པའི་རྒྱལ་ཁབ་བརྒྱ་དང་གཅིག་གི་རྡོ་རིགས་ཡོད་པའི་མཎྜལ་གྱི་རྡོ་རྣམས་ཐམས་ཅད་ལ་རེ་རེ་བསྩལ་རྒྱུ་ཡིན་
ཞེས་གསུངས།

¡@
གུང་ཡོལ་རྗེས་ཕྱི་རྒྱལ་ཆོས་ཞུ་བ་རྣམས་ལ་ཐུན་མིན་སྔོན་འགྲོ་ལས་སྐྱབས་ཕྱག་གཉིས་དང་རྡོར་སེམས་ཡིག་བརྒྱ། དེ་
བཞིན་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་བྱ་ཚུལ་སྐོར་རྒྱས་པར་བཀའ་བསྩལ་ཏེ་དེ་དག་ཐམས་ཅད་རྒྱུན་དུ་ལག་ལེན་
ལ་བསྟར་དགོས་ཚུལ་ཤིན་ཏུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་དང་འབྲེལ་ཉིན་མཐའ་མའི་གསུང་ཆོས་གྲོལ། མཇུག་
ཏུ་ཆོས་ཞུ་བ་རྣམས་ནས་གསུང་ཆོས་ཞུས་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་སྐུ་གསུང་ཐུགས་རྟེན་གྱ་ནོམ་
པ་བསྟར་འབུལ་ཞུས།
¡@





¡@
དེ་མཇུག་ཞོགས་པའི་ཆོས་ཐུན་སྐབས་བཀའ་བསྩལ་བ་བཞིན་རྒྱལ་ཁབ་དུ་མའི་རྡོ་རིགས་ཡོད་པའི་མཎྜལ་གྱི་རྡོ་དེ་
བཞིན་རྒྱལ་ཁབ་ལྔ་བཅུ་ང་དྲུག་ནས་ཕེབས་པའི་ཆོས་ཞུ་བ་ཡོངས་ལ་འགྲེམས་སྤེལ་མཛད་དེ་འདི་ལོའི་ཆོས་ཐུན་གྱི་
མཛད་རིམ་ཡོངས་སུ་གྲོལ། །
¡@
¡@
|