¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

བཀའ་བརྒྱུད་སྨོན་ལམ་ཆེན་མོ་སྐབས་ཉེར་བདུན་པའི་དྭང་བླང་ཞབས་ཞུ་བ་རྣམས་ལ་འབོད་སྐུལ།

¡@

ཕྱི་ལོ་ 2008 ལོའི་ལོ་མཇུག་གི་དགུན་དུས་སུ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་འོག་ཏུ་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་

༧དཔལ་རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་འོག་དགེ་འདུན་པ་སྟོང་ཚོ་དུ་མ་འཛམ་གླིང་

ཞི་བདེ་དང་བདེ་སྐྱིད་ཀྱི་ཕྱིར་སྨོན་ལམ་ཚོགས་པ་རང་རེ་ཀུན་གྱིས་རྗེས་སུ་དྲན་བཞིན་པ་ལྟར། རང་ཅག་རྣམས་ཀྱིས་ནམ་ཡིན་ཡང་དུས་

སྐབས་དེར་དྭང་བླངས་ཐོག་ཞབས་ཏོག་སྒྲུབ་པར་བསླུ་མེད་མཆོག་གསུམ་གྱི་བྱིན་མཐུ་འཇུག་པས་རྒྱུན་དུ་མཚུངས་ཟླ་མ་མཆིས་པའི་དགའ་

བ་ཉམས་སུ་མྱངས་པ་དང༌། འདི་ལོ་ཡང་བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པ་དེ་ཉིད 2009 ལོའི་ཕྱི་ཟླ་ 12 ཚེས་ 24 ཉིན་དབུ་

འཛུགས་ཞུ་རྒྱུ་ཡིན་སྟབས། ཕྲན་ཚོས་ཁ་ཞེ་གཉིས་མེད་ཐོག་བཀའ་བརྒྱུད་སྨོན་ལམ་གྱི་དྭང་བླང་ཞབས་ཁོངས་སུ་འཛུལ་ཞུགས་ཡོང་བའི་

སྙན་བསྐུལ་ཞུ་རྒྱུ་ཡིན། རང་རེ་མ་ལུས་ལྷན་དུ་བདག་ཅག་གི་སྟོན་པ་གང་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་ཁྱད་པར་

ཅན་དུ་འཛོམས་ཏེ་འཛམ་གླིང་ཞི་བདེའི་ཕྱིར་དང༌། འཇིགས་པའི་སྡུག་བསྔལ་ཀུན་ལས་བྲལ་ཕྱིར་སྨོན་འདུན་བྱ་དགོས་པ་ཡིན།

 

ཞིབ་ཕྲའི་གནས་ཚུལ་མཁྱེན་རྟོགས་སླད་ཨ་ནེ་ཀུན་དགའ་ལགས་སུ་འབྲེལ་གཏུག་གནང་སྐྱོང་ཡོད་པ་ཞུ།

ཁོང་གི་མྱུར་འཕྲིན་ཁ་བྱང་ནི།  volunteers@kagyumonlam.org

 

དྭང་བླང་ཞབས་ཞུ་བ་རྣམས་ནས་མཁྱེན་རྟོགས་དགོས་རྒྱུར།

1.  རྒྱུད་དུ་གཏན་འབེབས་དུས་ཡུན་ལས་ཕྱི་བཤོལ་མེད་པ་བྱ་དགོས་རྒྱུ།

2.  དྭང་བླང་བ་རྣམས་ལས་དོན་གང་ལ་ཡང་ལྷན་དུ་འཇུག་དགོས་པ་ལས། དེ་མིན་རྣམས་ནས་དྭང་བླང་མཛད་མི་དགོས།

3.  བཀའ་བརྒྱུད་སྨོན་ལམ་སྐབས་སུ་ཞབས་ཏོག་ཞུ་མཁན་དྭང་བླང་བ་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།

4.  བཀའ་བརྒྱུད་སྨོན་ལམ་དེ་བཞིན་ཚགས་ཚུད་དང་གང་ལེགས་ཡོང་སླད་དྭང་བླང་ཞབས་ཞུ་མ་ལུས་ནང་ཁུལ་འབྲེལ་ལམ་གང་ལེགས་

ཡོད་པ་ཞུ།

དྭང་བླང་ཞབས་ཞུ་བ་རྣམས་ནས་བཀའ་བརྒྱུད་སྨོན་ལམ་དྭང་བླང་ཞབས་ཞུའི་ན་བཟའ་ཡོད་ན་ངེས་པར་དུ་བསྣམ་ཕེབས་རོགས།

 

བཀའ་བརྒྱུད་སྨོན་ལམ་ཚོགས་པས།

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.