|
༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་འདུལ་བའི་བགྲོ་གླེང་ཉིན་ལྔའི་རིང་ཚོགས་མགོན་མཛད་རྒྱུ།
¡@
ཕྱི་ལོ་
2009
ཕྱི་ཟླ་
12
ཚེས་
13
ནས་བཟུང་ཚེས་
17
བར་དུ་ཡོངས་དགེ་གཏེར་སྒར་དགོན་གྱི་འདུ་ཁང་ཚོམས་ཆེན་ནང་ཉིན་ལྔའི་རིང་
འདུལ་བའི་བགྲོ་གླེང་མཛད།
འདུལ་བའི་བགྲོ་གླེང་གི་དབུ་བཞུགས་སུ་༧དཔལ་རྒྱལ་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག་དང༌།
སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་པའི་བླ་སྤྲུལ།
དགེ་བཤེས། བཤད་གྲྭ་ཁག་གི་མཁན་པོ། དགེ་ཚུལ་སློང་སོགས་
འདུས་ཚོགས་བརྒྱ་ཕྲག་དྲུག་ཙམ་འདུས་ཤིང༌།
བགྲོ་གླེང་གི་ཉིན་དང་པོའི་བརྗོད་གཞིར།
རབ་བྱུང་གི་གཞིའི་སྐོར་གྱི་དོན་ཚན་ཁག་དང༌།
ཉིན་གཉིས་པར་དགེ་སློང་མའི་སྡོམ་རྒྱུན་སྐོར་དང་དགེ་སློང་མའི་སྡོམ་པ་བསྩལ་ན་འཐུས་མིན་སྐོར་སོགས་བགྲོ་གླེང་ཞིབ་ཕྲ་མཛད།
ཉིན་
གསུམ་པར་ལྟུང་བའི་གཞིའི་སྐོར་དང༌། ཉིན་བཞི་པར་གསོ་སྦྱོང་དང༌། དབྱར་གནས།
དགག་དབྱེ་བཅས་ཀྱི་སྐོར་བགྲོ་གླེང་ཞིབ་པར་མཛད།
ཉིན་ལྔ་པར་དེང་དུས་དང༌།
འདུལ་བའི་ཀུན་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷུག་པར་མཛད།
དེ་རྗེས་སྐྱབས་རྗེ་ཁྲ་འགུ་རིན་པོ་
ཆེ་མཆོག་ནས་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་སྩལ་མཐར།
ཡིད་ནོར་མཆོག་ནས་འདུལ་བའི་བགྲོ་གླེང་ཚགས་ཚུད་ངང་མཇུག་གྲུབ་པར་ཐུགས་
དགྱེས་ཚོར་ཆེན་པོའི་ངང་མཐའ་སྡོམ་དུ་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ།
འདུལ་བའི་བགྲོ་གླེང་གྲུབ་བསྟུན་དེ་ཉིན་མཚུར་ཕུ་བླ་བྲང་ནས་
ཡིད་ནོར་མཆོག་གི་དབུས་སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་མཆོག་དང་དགེ་བཤེས་རྣམ་པ།
དགུན་ཆོས་མཁན་པོ་རྣམ་པ་བཅས་ལ་གུང་ཚིགས་
སླད་མགྲོན་ཁང་
Royal Residency
དུ་གདན་ཞུ་མཛད།
¡@






|