|
ཕྱི་རྒྱལ་ཤར་ནུབ་གཉིས་ཀྱི་དད་ལྡན་སློབ་མ་རྣམས་ལ་གསུང་ཆོས་དབུ་འཛུགས་བསྐྱངས་པ།
¡@
ཕྱི་ལོ་
2009
ཟླ་ 12 ཚེས་ 20
ནས་ 22
བར་ཕྱི་རྒྱལ་ཕྱི་རྒྱལ་ཤར་ནུབ་གཉིས་ནས་དད་ལྡན་མི་སྣ་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་རྒྱལ་ཁབ་ཁག་
ལྔ་བཅུ་རྩ་གཉིས་ནས་འདུས་ཡོད་པས།
དེ་དག་རྣམས་ལ་སྨན་ཕྱིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིང་དེ་ཉིད་སྐད་
ཡིག་ཁག་དགུའི་ནང་སྔོན་ཚུད་ནས་བསྒྱུར་ཡོད།
ཉིན་རེ་སྔ་དྲོ་ཆུ་ཚོད་དགུ་པ་ནས་བཅུ་གཅིག་བར་དང༌། ཚོགས་ཐུན་གཉིས་པ་གུང་ཡོལ་
ཆུ་ཚོད་གསུམ་པ་ནས་ལྔ་པ་བར་ཉིན་གཉིས་རིང་ཆུ་ཚོད་བཞི་རེ་དང༌།
ཉིན་མཐའ་མ་ཆུ་ཚོད་གཉིས་རིང་ཁོ་ན་ཡིན།
¡@
དེ་ཉིད་ཀྱི་འབྱོར་ཐོ་ཚན་པའི་དུས་ཡུན་ནི།
སྔ་དྲོ་ཆུ་ཚོད་བརྒྱད་པ་ནས་བཅུ་གཅིག་བར་དང༌།
གུང་ཡོལ་རྗེས་ཆུ་ཚོད་གསུམ་པ་ནས་ལྔ་པ་བར་
ཡིན། དྭང་བླང་ཐོ་འགོད་སྲི་ཞུ་བ་མི་གྲངས་
10 ཙམ་ཡོད་ཅིང༌།
ཐོ་འགོད་མཛད་ཡུལ་ནི་ཡོངས་དགེ་གཏེར་སྒར་དགོན་པའི་ཉེ་འདབས་སུ་
ཡིན།
སྐབས་དེར་དམིགས་བསལ་གྱི་བཀའ་བརྒྱུད་སྨོན་ལམ་གྱི་ལས་རྟགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ལྡན་ཞིག་དང༌།
ཚོན་སྣ་ལྔ་ལྡན་གྱི་ལག་
འདོགས་སྐུད་པ།
དེ་བཞིན་རྒྱལ་བ་རིགས་ལྔའི་སྐུ་བརྙན་གཅིག་བཅས་ཕྱི་རྒྱལ་ཆོས་ཞུ་བ་རྣམས་ལ་ཕུལ་བཞིན་ཡོད།
འདི་ལོ་ཆོས་ཞུ་བ་རྣམས་
སྡེ་ཚན་ཁག་ལྔར་བགོས་ཡོད་ཅིང༌།
དེ་རྣམས་ནི་རྒྱལ་བ་རིགས་ལྔའི་སྐུ་མདོག་གི་མཚོན་དོན་དུ་ཚོན་སྣ་ལྔ་ཡོད།
དེ་ལ་རྒྱལ་དབང་མཆོག་ནས་
བྱིན་རླབས་མཛད་ཡོད་ཅིང༌། ཁ་དོག་ནི་དཀར་སེར་སྔོ་དམར་ལྗང་ཁུ་བཅས་ཡིན།
དེ་ལག་གཡས་པའི་མཁྲིག་མར་བཏགས་ཏེ་རང་རང་སོ་
སོའི་སྡེ་ཚན་གྱི་གྲལ་རིམ་དུ་འདུག་དགོས་པ་ཡིན།
གོང་གི་ཁ་དོག་རྣམས་ནི་བཞུགས་གྲལ་རྒྱབ་མདུན་གྱི་བཞུགས་གནས་སླད་དུ་ཆེད་གཉེར་
གྱིས་བསྐྲུན་པ་ཞིག་ཡིན།
¡@
བཤེས་སྤྲིང་གི་དེབ་དེ་སྐད་ཡིག་དགུར་ཡོད་པ་དེ་དག་འབྱོར་ཐོ་འགོད་གནས་ཀྱི་ཉེ་འདབས་སུ་བླུ་ཡོན་ཞུ་རྒྱུ་ཡོད།
ཕྱག་དེབ་ཀྱི་མདུན་ཤོག་ཏུ་
ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་བརྙན་དེ་ཉིད་རྒྱལ་དབང་རང་ཉིད་ཀྱིས་ཕྱག་བསྟར་མ་ཡིན་པ་དང་དེབ་ཟུར་དུ་ཡོད་པའི་བཤེས་སྤྲིངས་ཞེས་
པའི་ཡི་གེ་དེ་ཡང་རྒྱལ་དབང་ཉིད་ནས་ཕྱག་བྲིས་མཛད་པ་ཞིག་ཡིན།





¡@ |