|
བཀའ་བརྒྱུད་སྨོན་ལམ་གྱི་མཆོད་པ།
¡@
འདི་ལོ་སྨོན་ལམ་གྱི་མཆོད་པར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་ཆེན་ཁག་གི་མཚོན་དོན་སྐུ་བརྙན་དང༌།
བདེ་གཤེགས་སྨན་བླ་བརྒྱད་ཀྱི་སྐུ་བརྙན།
དེ་བཞིན་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་དང༌། འཕགས་པའི་གནས་བརྟན་
བཅུ་དྲུག་སོགས་མཛེས་སྡུག་ཕུན་སུམ་ཚོགས་པས་བརྒྱན་པའི་སྐུ་བརྙན།
མཇལ་བ་ཙམ་གྱིས་ཡིད་དབང་དབང་མེད་དུ་
འགུགས་ཤིང་དྭང་བ་འདྲེན་པར་བྱེད་པའི་མཆོད་བཞེངས་རྣམ་པར་བཀྲ་བ་དང༌།
ཀོ་རི་ཡའི་ལམ་ལུགས་ཀྱི་མངར་ཟས་
དང༌། ཤིང་ཏོག་སྣ་ཚོགས་པའི་མཆོད་སྤྲིན་ལྷུན་པོ་ལྟར་འབུལ་བཤམས་མཛད་ཡོད།
¡@
རྒྱལ་སྒོ།
¡@
འདི་ལོ་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་རྒྱལ་སྒོ་ནི་སྔ་ལོ་བཞིན་རྒྱས་སྤྲོས་ཅན་མ་ཡིན་པར་སྨྱུག་མ་ལས་གྲུབ་པ་ཡིན་
པས། འགྲོ་གྲོན་ཆུང་ལ་ཕན་རླབས་ཆེ་ཞིང༌།
ཁོར་ཡུག་ལ་གནོད་འཚེ་བྲལ་བ་ཤིན་ཏུ་སྟབས་བདེ་བའི་རང་བཞིན་ཅན།
སྟེང་དུ་འཁོར་ལོའི་དབྱིབས་ཅན་གྱི་ཤོག་བུའི་ཕྱི་ངོས་སུ་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པའི་ངན་སོང་
སྦྱོང་བའི་གཟུངས་སྔགས་ཨོཾ་པདྨོཥྞཱིཤ་བིམལེ་ཧཱུྃ་ཕཊ་ཞེས་པས་བརྒྱན་པ་ཞིག་གསར་བསྐྲུན་ཞུས་ཡོད།
¡@ |