|
ཕྱི་ལོ་
2009 ཟླ་
12
ཚེས་
25
སྨོན་ལམ་ཉིན་གཉིས་པའི་མཛད་རིམ་དང་འབྲེལ་བའི་གསུང་ཆོས།
¡@
སྨོན་ལམ་ཉིན་གཉིས་པར་ཞོགས་པ་ཆུ་ཚོད་དྲུག་པར་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་དགེ་ཚུལ་སློང་ཀུན་ལ་
གསོ་སྦྱོང་གི་སྡོམ་པ་བསྩལ་བ་དང༌།
འཆར་ཅན་བཞིན་ལེགས་སྦྱར་གྱི་སྐད་ཐོག་ནས་སྐྱབས་འགྲོ་དང་དཀོན་མཆོག་རྗེས་
དྲན་གྱི་མདོ་བསྡུས་པ། ཤེས་རབ་སྙིང་པོ་བཅས་གསུང་འདོན་མཛད།
¡@

¡@
མི་ལའི་རྣམ་མགུར་ལས་འཕྲོས་པའི་གསུང་ཆོས།
གོང་དུ་གསུངས་པ་ལྟར་ཐོག་མར་བླ་མ་ལ་མོས་གུས།
བར་དུ་དཀའ་སྤྱད་ཀྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མཛད་པ་དེ་
བཞིན་བདག་ཅག་རྣམས་ཀྱི་ཡིད་ལ་དྲན་པར་ཡང་མི་ནུས་ན་དངོས་སུ་ལག་བསྟར་ནུས་པ་ལྟ་ཅི།
དེ་ཡང་རས་པ་ཞི་བ་
འོད་ཀྱིས་རྗེ་བཙུན་མཆོག་ལ་མགོན་པོ་གང་ཉིད་རྡོ་རྗེ་འཆང་ངམ་བྱང་ཆུབ་སེམས་གང་ཞིག་གི་སྤྲུལ་པ་ཡིན་པར་ཐེ་ཚོམ་
མི་འདུག་པས་གང་གི་སྤྲུལ་པ་ཡིན་མིན་བཀའ་བསྩལ་དུ་གསོལ། ཞེས་ཞུས་པས།
¡@


¡@
རྗེ་བཙུན་གྱིས་ཁྱེད་རྣམས་ནས་ང་ལ་རྡོ་རྗེ་འཆང་ངམ་བྱང་ཆུབ་སེམས་དཔའི་སྤྲུལ་པར་མོས་པ་དེ་ཉིད་གང་ཟག་རང་
རང་སོ་སོའི་དད་པའི་ངོ་བོར་འགྲིག་པ་ཡིན་ཡང་ཆོས་ལ་དེ་བས་ལོག་ལྟ་ཆེ་བ་ཞིག་མེད་པས།
སྤྱིར་ང་ལྟ་བུ་ཡང་དང་
པོར་སྡིག་པ་དཔག་ཏུ་མེད་པ་བྱས་པ་ཞིག་ཡིན་ཡང་ཕྱིས་སུ་དེ་ཉིད་ལ་རབ་ཏུ་འགྱོད།
ལས་རྒྱུ་འབྲས་ལ་ཡིད་ཆེས་དྲག་
པོའི་སྒོ་ནས་ཆོས་ཕྱིར་དཀའ་ཐུབ་དཔག་མེད་སྤྱད་དེ།
ཟབ་ལམ་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ཏེ་ཟུང་འཇུག་གི་གོ་
འཕང་ཚེ་གཅིག་གིས་མངོན་དུ་གྱུར་པ་ཡིན་པས།
ཁྱེད་རྣམས་ནས་ཟབ་ལམ་རྡོ་རྗེ་ཐེག་པའི་ནུས་པ་མ་མཐོང་བས་ལན་
པ་ཡིན་པས་ཆོས་ཕྱིར་བརྩོན་འགྲུས་དང༌།
ལས་འབྲས་ལ་ཡིད་ཆེས་པའི་བསམ་པའི་སྒོ་ནས་འཇིག་རྟེན་བློས་གཏོང་གི་
ཆོས་ཡང་དག་པ་ཞིག་བྱས་པ་ཡིན་ན་འཚང་མི་རྒྱ་བའི་ཐབས་མེད་ཅེས་གསུངས།
¡@


¡@
སྤྱིར་རྗེ་བཙུན་གང་ཉིད་དགུན་ཤིན་ཏུ་གྲང་ངར་ཆེ་བའི་གནམ་གཤིས་དང་ལྡན་པའི་རིའུའི་རྩེ་མོར་སྐུ་ལུས་ལ་ན་བཟའ་
རས་རྐྱང་ཞིག་ལས་མེད་པ་དང༌།
དེ་བཞིན་འཚོ་བ་ཡང་ཟྭ་འབའ་ཞིག་ལས་ལོགས་སུ་གྱུར་པའི་འཚོ་བའི་བསྟེན་ཡུལ་མེད་
པ། བཞུགས་གནས་ཀྱང་གཡའ་ཁྲོད་དང་གངས་ཁྲོད་ཁོ་ན་ལས་མེད་པ།
དེ་ལྟའི་དཀའ་སྤྱད་ཀྱི་རྣམ་ཐར་ཕུལ་དུ་ཕྱིན་པ་
རང་རེ་རྣམས་ཀྱིས་བསྒྲུབ་རྒྱུ་བཞག་སྟེ་ཡིད་ལ་བསམ་པར་ཡང་མི་ནུས་ན་དངོས་སུ་སྒྲུབ་ནུས་པ་ག་ལ་མཆིས།
འོན་ཀྱང་
སྒྲུབ་བརྒྱུད་ཀྱི་མེས་པོ་གོང་མ་རྣམས་ཀྱི་རྣམ་ཐར་གྱི་རྗེས་སུ་འབྲང་སྟེ་རང་རེ་རྣམས་ནས་དེ་ལྟར་མི་ནུས་ཀྱང་རྒྱུ་འབྲས་
ལ་གཙིགས་སུ་བཟུང་སྟེ་བཟང་པོའི་ལམ་དུ་ཕྱོགས་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན།
¡@
སྤྱིར་བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་སློབ་མ་མཚན་ཉིད་དང་ལྡན་པ་གཉིས་ཕན་ཚུན་འགྲོགས་སྐབས་རྟོགས་པ་
མངོན་དུ་མ་གྱུར་ཐབས་མེད་པ་ལྟ་བུ་ཡིན།
རྗེ་བཙུན་གྱི་གསུང་ནང་དུ་ཡང་རང་གི་རྩ་བའི་བླ་མ་རྗེ་མར་པའི་མཚན་ནས་
ཡང་ནས་ཡང་དུ་བརྗོད་པར་མཛད་པ་དང༌།
དེ་བཞིན་ཀརྨ་པ་སྐུ་འཕྲེང་བརྒྱད་པ་རྗེ་མི་བསྐྱོད་རྡོ་རྗེའི་གསུང་ཕལ་ཆེ་བའི་
ནང་སངས་རྒྱས་མཉན་པ་གྲུབ་ཐོབ་ལ་ཕྱག་འཚལ་སྔོན་དུ་བཏང་བ་འབའ་ཞིག་ཡིན།


¡@
དེས་ན་རང་ཅག་རྣམས་ཀྱིས་དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུ་དང༌།
སངས་རྒྱས་སྤྲུལ་པའི་སྐུ། དེ་བཞིན་
ས་ཐོབ་ཀྱི་བྱང་ཆུབ་སེམས་པའི་བཤེས་གཉེན་རྣམས་དངོས་སུ་བསྟེན་ཐུབ་རྒྱུ་ཤིན་ཏུ་དཀའ་བ་དང༌།
རང་ཅག་རྣམས་ལ་
སོ་སོ་སྐྱེ་བོའི་དགེ་བའི་བཤེས་གཉེན་དེ་ཉིད་ཤིན་ཏུ་ནས་གལ་ཆེ་བ་ཡིན།
¡@
སྤྱིར་བླ་མས་ཆོས་གསུང་སྐབས་གདུལ་བྱའི་བློ་དང་འཚམས་པ་ཞིག་དང་གདུལ་བྱ་ལ་ཕན་པ་ཞིག་གསུང་དགོས་པ་ཡིན།
དེ་ཡང་བླ་མ་ལ་ལྡན་དགོས་པའི་མཚན་ཉིད་ལ་ཐེག་དམན་གྱི་གཞུང་དང༌།
ཁྱད་པར་དུ་ཐེག་པ་ཆེན་པོའི་གཞུང་མདོ་སྡེ་
རྒྱན་དུ་གསུངས་པ་ཇི་བཞིན། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་བསླབ་པ་ཚུལ་
ཁྲིམས་ཀྱི་ཡོན་ཏན་སེམས་དུལ་བ་དང༌། བསླབ་པ་ཏིང་ངེ་འཛིན་གྱིས་ཞི་བ་དང༌།
བསླབ་པ་ཤེས་རབ་ཀྱིས་ཉེ་བར་ཞི་བ།
རང་ཉིད་ལས་ཡོན་ཏན་ལྷག་པ། བརྩོན་པ་དང་བཅས་པ། ལུང་གིས་ཕྱུག་པ་སྟེ།
ཐེག་པ་ཆེ་ཆུང་གཉིས་ཀའི་གཞུང་ལུགས་
ལ་གོ་བ་འབྱམས་སུ་ཀླས་པ་དང་ལྡན་པ།
སློབ་མ་ལ་ཐུགས་བརྩེ་བའི་བསམ་པ་དང་ལྡན་པ་ཞིག་དགོས་པ་དང༌།
¡@
སློབ་མའི་ངོས་ནས་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་ཡང་དད་པ་དང་མོས་གུས་ཀྱི་སྒོ་ནས་བསྟེན་དགོས་ཤིང༌།
དེ་
ཡང་སྦྱོར་བ་ཟང་ཟིང་དང་བཀུར་སྟིའི་སྒོ་ནས་བསྟེན་ཚུལ་དང༌།
སྒྲུབ་པའི་སྒོ་ནས་བསྟེན་ཚུལ་གཉིས་ཡོད་པ་ཡིན།
དོན་དུ་
བླ་མའི་ཐུགས་ཀྱི་དགྱེས་པ་སྐོང་ཕྱིར་ཅི་ཡང་བྱ་དགོས་པ་ཡིན།
ཡིན་ནའང་བླ་མའི་ངོས་ནས་བྱ་བ་ངན་པ་ཞིག་བྱོས་ཞེས་
བཀའ་བསྩལ་ཚེ།
རང་གི་ངོས་ནས་བྱ་བ་ངན་པ་དེ་མི་བྱེད་ཅེས་བླ་མ་ལ་དགོངས་པ་ཞུ་དགོས་པ་ལས་དད་ལོག་བྱེད་མི་
ཉན།
¡@
འོན་ཀྱང་སྙིགས་མའི་དུས་འདིར་མཚན་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་དགེ་བའི་བཤེས་གཉེན་རྙེད་པར་དཀའ་བ་
ཡིན་པས་སྐྱོན་དང་ཡོན་ཏན་གཉིས་ལས་ཡོན་ཏན་ལྷག་པ་ཞིག་ལ་བསྟེན་དགོས་པ་ཡིན།
སངས་རྒྱས་བཅོམ་ལྡན་འདས་སྐུ་
མཚན་དཔེས་རྫོགས་པ་ཞིག་འདིར་མངོན་སུམ་དུ་ཕེབས་པ་ཡིན་ན་ཡང༌།
ང་ཚོ་ལས་ཉོན་གྱིས་སྒྲིབ་པས་མཐོང་མི་ནུས་པ་
ཡིན།
དེ་བས་ན་དགེ་བའི་བཤེས་གཉེན་སྐྱོན་ཅུང་ཟད་དང་ལྡན་པ་ཡིན་ན་ཡང་དེ་ཉིད་ཡོན་ཏན་གྱི་གྲོགས་སུ་ཁྱེར་ནས་
བསྟེན་དགོས་ཡིན།
¡@
སྤྱིར་བཀའ་གདམས་པའི་གཞུང་ལུགས་དང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པའི་བྱང་ཆུབ་ལམ་རིམ་ཆེན་མོ།
དེ་བཞིན་
དྭགས་པོའི་ཐར་པ་རིན་པོ་ཆེའི་རྒྱན་རྣམས་ལས།
དགེ་བའི་བཤེས་གཉེན་བསྟེན་དགོས་པའི་རྒྱུ་མཚན་དང་གནད་ཆེ་བ་ཡིན་
པའི་རྒྱུ་མཚན་དུ་མ་གསུངས་ཡོད།
མདོར་ན་རང་གིས་ཉམས་ལེན་བྱས་ཏེ་ལམ་གོང་མ་ལ་བགྲོད་དགོས་པ་ལས་གཞན་གྱིས་
འཁྲིད་མཁན་མེད།
འོན་ཀྱང་ལམ་དུ་བགྲོད་ཚུལ་ཡང་དགེ་བའི་བཤེས་གཉེན་ལ་རག་ལུས་པས་བཤེས་གཉེན་ནི་ཤིན་ཏུ་
གལ་ཆེ་བ་ཡིན་ཞེས་བཀའ་སྩལ།
¡@
དེ་མཇུག་དེ་རིང་རྗེ་བཙུན་གྱི་རྣམ་ཐར་ལས་བླ་མ་བསྟེན་ཚུལ་གྱི་སྐོར་གསུངས་པ་བཞིན།
དེ་རིང་གི་སྒོམ་དེ་ཡང་བླ་མའི་
བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་རང་རང་གི་བླ་མ་ངོ་བོ་སངས་རྒྱས་དང་གཉིས་སུ་མེད་པ་ཞིག་སྒོམ་དགོས་པ་ཡིན།
དེ་ཡང་ཆོས་གོས་རྣམ་གསུམ་མནབས་པ།
སྐུ་ལས་འོད་ཟེར་འཕྲོ་བའི་རང་བཞིན་དང་ལྡན་པ་ཞིག་སྒོམ་དགོས་ཤིང༌། དེ་
ཡང་ཡིད་ལ་མ་ནམ་བཞིའི་སེམས་བསྐྱེད་དང་ལྡན་པའི་སྒོ་ནས་ཚུལ་བཞིན་ཅུང་ཙམ་རིང་སྒོམས་མཛོད་ཅེས་གསུངས།
དེ་མཇུག་རྒྱལ་དབང་མཆོག་རྣམ་རྒྱལ་གྲྭ་ཚང་གི་གསོལ་མགྲོན་ཁང་གི་ཤོད་དུ་ཡོད་པའི་བཀའ་བརྒྱུད་སྨོན་ལམ་གྱི་མཛོད་
ཁང་ནང་སྨོན་ལམ་ཚོགས་པའི་ཅ་དངོས་རྣམས་ལ་གཟིགས་ཞིབ་དང༌།
དེ་ནས་ནོར་བུ་གླིང་གའི་འགྲེམས་སྟོན་ཁང་དུ་
དཔྱངས་པའི་ཐང་སྐུ་རྣམས་ལ་གཟིགས་ཞིབ་ནན་ཏན་དང༌།
དེ་བཞིན་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་ལས་བྱེད་རྣམས་
ཀྱི་ཐབ་ཚང་དང༌།
སྟེང་ཏུ་ཡོད་པའི་སྨོན་ལམ་ཚོགས་མིའི་གསོལ་ཚིགས་བཞེས་ཡུལ་དུ་ཕེབས་ནས་ཚོགས་མི་རྣམས་ཀྱི་
གསོལ་ཚིགས་ཇི་ལྟར་ཡོད་མིན་གཟིགས་ཞིབ་དང་འབྲེལ་ཅུང་ཙམ་བཞེས་པར་མཛད།
དེ་ནས་ཡོངས་དགེ་གཏེར་སྒར་
དགོན་གྱི་དགེ་སློང་རྣམས་ཀྱི་གསོལ་ཚིགས་ཇི་ལྟར་ཡོད་མིན་དང་སྨོན་ལམ་ཚོགས་པའི་གནད་ཡོད་ལས་བྱེད་རྣམས་ཀྱི་
གསོལ་ཚིགས་ལ་ཡང་གཟིགས་ཞིབ་བསྐྱངས།
¡@ |